ISSN 2768-4261 (Online)
གངས་ཅན་སྐྱེས་མ་རྩོམ་པ་པོའི་རྩོམ་རིག་ཆེད་སྒྲིག་འདི་ནི་སྤྱི་ལོ་༢༠༢༢་ལོའི་ཟླ་བཞི་པར་ཨ་རིའི་ཝར་ལྗི་ནཱི་ཡ་སློབ་ཆེན་ལ་བསྐངས་པའི་“གངས་ཅན་སྐྱེས་མས་རྩོམ་རིག་གླེང་བ། བོད་མོའི་རྩོམ་རིག་མཛད་རྗེས་གཟེངས་སུ་བསྟོད་པ་”ཞེས་པའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་པའི་རྩོམ་པ་པོ་རྣམས་ཀྱི་རྩོམ་རིག་གཅེས་བཏུས་ཤིག་ཡིན། བགྲོ་གླེང་ཚོགས་འདུ་དེ་ནི་རྒྱལ་སྤྱིའི་རྣམ་པ་ཅན་གྱི་གངས་ཅན་སྐྱེས་མ་རྩོམ་པ་པོའི་འདུ་འཛོམས་དང་པོ་དེ་རེད་ཅེས་བཤད་ཆོག་སྙམ། དེར་བོད་ནས་ཕེབས་པའི་རྩོམ་པ་པོ་གཉིས་དང་། རྒྱ་གར་ནས་ཕེབས་པའི་རྩོམ་པ་པོ་གཉིས། ཨ་རི་ན་བཞུགས་པའི་རྩོམ་པ་པོ་གསུམ་བཅས་ཁྱོན་བུད་མེད་རྩོམ་པ་པོ་བདུན་ཡུལ་དངོས་སུ་ཕེབས་ཡོད་ལ། རྩོམ་པ་པོ་གཅིག་དྲྭ་འབྲེལ་བརྒྱུད་ནས་བཞུགས། ཚོགས་འདུ་དེར་བྱང་ཨ་རི་དང་ཡོ་རོབ་ཀྱི་སློབ་ཆེན་ཁག་ནས་ཕེབས་པའི་བོད་རིག་པའི་ཆེད་མཁས་པ་སྤྱི་དང་། དམིགས་བསལ་བོད་ཀྱི་རྩོམ་རིག་ལོ་ཙཱ་བ་དང་ཞིབ་འཇུག་པ་སོགས་མང་པོ་ཞུགས་ནས་བགྲོ་གླེང་ལྷོད་པོ་དང་ཞིབ་ཚགས་གནངས་སོང་། ཚོགས་འདུ་དེས་བོད་ཀྱི་རྩོམ་རིག་སྤྱི་དང་ལྷག་པར་དུ་སྐྱེས་མའི་རྩོམ་རིག་གི་སྒོ་མོ་ནུབ་ཕྱོགས་ནས་འབྱེད་པ་ལྟར།ལོ་འདི་གཉིས་ཀྱི་རིང་ལ་ཨ་རི་དང་ཡོ་རོབ་ཏུ་བོད་དང་ཧི་མ་ལ་ཡའི་སྐྱེས་མ་རྩོམ་པ་པོ་དང་སྐྱེས་ཆེན་མ། ཁོང་ཅག་གི་རྣམ་ཐར་དང་རྩོམ་རིག་སོགས་བརྗོད་སྙིང་ལ་འཛིན་པའི་བགྲོ་གླེང་དང་དགའ་སྟོན་གྱི་མཛད་སྒོ་རིམ་དང་རིམ་པ་བྱུང་དང་འབྱུང་མུས་རེད། དཔེར་ན། ཉིས་སྟོང་ཉེར་གཉིས་དང་ཉེར་གསུམ་གྱི་ལོར། ཨ་རིའི་ཧྭ་ཝར་སློབ་ཆེན (Harvard)། ཁོ་ལམ་པི་ཡཱ་སློབ་ཆེན (Columbia)། ཁཱ་ལོ་ར་ཏོའི་བྷོ་གྷར་སློབ་ཆེན(Colorado-Boulder)། ནུབ་བྱང་སློབ་ཆེན (Northwestern)། ཧྥ་རན་སིའི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སྐད་ཡིག་དང་རིག་གནས་སློབ་གླིང་(Inalco)་སོགས་ལ་སྐྱེས་མའི་རྩོམ་རིག་དང་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་མའི་བརྩམས་ཆོས་དང་ལྟ་བ། མི་ཚེ་སོགས་གཙོ་སྙིང་ལ་འཛིན་པའི་རིག་གཞུང་བགྲོ་གླེང་དང་གཏམ་བཤད་ཀྱི་མཛད་རིམ་སྣ་མང་སྤེལ་སོང་།
ཆེད་སྒྲིག་ཐུང་ངུ་འདི་ནི་ཏག་ཏག་གངས་ཅན་སྐྱེས་མའི་རྩོམ་རིག་འཛམ་གླིང་ལ་ཁྱབ་པའི་སྐབས་འདིར་བོད་ཀྱི་རྩོམ་རིག་དང་སྐད་ཡིག་སྔར་བཞིན་ཡར་ངོའི་་ཟླ་ལྟར་འཛམ་གླིང་ཡོངས་ལ་འཕེལ་བའི་སྨོན་འདུན་དང་རེ་བའི་ས་བོན་དུ་འབུལ།
ཆེེད་སྒྲིིག་འདིིའིི་ནང་དོོན་དང་ཁྱད་ཆོོས་ངོོ་སྤྲོོད་མདོོར་ཙམ་ཞུས་ན། འདིིར་སྐད་གཉིིས་ཤན་སྦྱར་གྱིི་བརྩམས་ཆོོས་བརྒྱད་དང་དགེེ་རྒན་ཆེེན་མོོ་ལྗན་ནེེ་ཐིི་རྒྱ་མཚོོ་ལགས་ཀྱིིས་བྲིིས་པའིི་བརྩམས་ཆོོས་འདིི་དག་འགྲེེལ་བརྗོོད་གནང་བའིི་སྔོོན་འགྲོོའིི་གཏམ་བཅས་རྩོོམ་ཡིིག་དགུ་འཁོོད་ཡོོད། མ་རྩོོམ་བོོད་ཡིིག་ཡིིན་པའིི་རྩོོམ་ཡིིག་ལྔ་དབྱིིན་ཡིིག་ལ་བསྒྱུར་ཅིིང་། མ་རྩོོམ་དབྱིིན་ཡིིག་གིི་རྩོོམ་གཉིིས་བོོད་ཡིིག་ལ་བསྒྱུར། རྒྱ་ཡིིག་གིི་རྩོོམ་ཡིིག་གཅིིག་དབྱིིན་ཡིིག་ལ་བསྒྱུར་ཡོོད། སྐད་གཉིིས་ཤན་སྦྱར་གྱིི་རྩོོམ་ཡིིག་རེེའིི་སྔོོན་དུ་རྩོོམ་ཡིིག་དེེའིི་ལོོ་ཙཱ་བ་ཡིིས་བྲིིས་པའིི་ཕྲན་བཤད་རེེ་འཁོོད་ཡོོད། དུས་ཚོོད་དང་ནུས་པའིི་བཀག་རྒྱའིི་དབང་གིིས་ལོོ་ཙཱ་བའིི་ཕྲན་བཤད་ནིི་བོོད་ཡིིག་ལ་བསྒྱུར་ཐུབ་མ་སོོང་། འོོན་ཀྱང་། དབྱིིན་ཡིིག་བརྩམས་ཆོོས་གཉིིས་བོོད་ཡིིག་ལ་བསྒྱུར་ཐུབ་པ་མ་ཟད། བོོད་ཡིིག་གིི་མ་རྩོོམ་རྣམས་འགོོད་ཐུབ་པ་ནིི་དགའ་འོོས་པ་ཞིིག་གོོ། རྒྱུ་མཚན་ནིི་ནུབ་ཕྱོོགས་ཀྱིི་བོོད་རིིག་པ་དང་བོོད་ཀྱིི་རྩོོམ་རིིགས་ཞིིབ་འཇུག་གིི་པར་སྐྲུན་ཁྱབ་ཁོོངས་ནིི་དབྱིིན་ཡིིག་གིིས་སྒེེར་སྡོོམ་བྱས་པ་ཡུན་རིིང་བས། བོོད་ཡིིག་གིི་ཁྱབ་ཁོོངས་དང་བར་སྟོོང་ཆེེ་རུ་གཏོོང་འོོས་པའིི་དུས་ལ་རན། ད་དུང་སྐད་ཡིིག་སྣ་མང་གིི་ལམ་ནས་བརྗོོད་པའིི་བོོད་
“ཡེེ་ཤེེས་བོོད་ཀྱིི་རྩོོམ་རིིག་དང་། སྒྱུ་རྩལ། རིིག་གཞུང་དུས་དེེབ་”འདིི་ཡིི་ཀློོག་པ་པོོ་འཛམ་གླིིང་ཡུལ་གྲུ་གང་སར་ཡོོད་པས། ཁོོང་རྣམས་ལ་མ་ཡིིག་དང་འགྱུར་ཡིིག་གཉིིས་ཀར་མྱོོང་རོོལ་དང་ཞིིབ་བསྡུར། དཔྱད་བརྗོོད་སོོགས་བྱེེད་པའིི་གོོ་སྐབས་ཤིིག་ཀྱང་བསྐྲུནཡོོད་སྙམ། ཡིིག་སྒྱུར་བརྒྱུད་ནས་བརྩམས་ཆོོས་བྱེེ་བྲག་པ་ཞིིག་རང་གིི་མ་རྩོོམ་གྱིི་ཁོོར་ཡུག་ལས་བརྒལ་ཅིིང་སྐད་ཡིིག་གིི་ཀློོང་རིིམ་བརྟོོལ་ནས་ཀློོག་མཁན་གྱིི་ཁྱབ་རྒྱ་དང་དོོ་སྣང་། ཤེེས་བྱ་བརྗེེ་རེེས་བྱེེད་པའིི་གཡུལ་ངོོ་གསར་བ་ཞིིག་ལ་སླེེབས་ཀྱིི་ཡོོད་པ་རེེད། ཀློོག་པ་པོོ་རྣམས་ཀྱིིས་འགྱུར་ཡིིག་འདིི་དག་ལ་ཞིིབ་ཀློོག་བྱས་ནས། བརྒྱུད་རིིམ་དེེ་ལས་བརྩམས་ཆོོས་ལ་འགྱུར་བ་གང་དང་ཇིི་ལྟར་ཕྱིིན་མིིན་སོོགས་བསམ་གཞིིགས་བྱེེད་ཐུབ་པའིི་རེེ་བ་ཡོོད།
གཞན། ཆེེད་སྒྲིིག་འདིི་དང་ལྷག་པར་དུ་ཆེེད་སྒྲིིག་འདིི་ཡིི་མགོོ་ཁུངས་སྟེེ། ཝར་ལྗིི་ནཱིི་ཡ་སློོབ་ཆེེན་ལ་ཚོོགས་པའིི་གངས་ཅན་སྐྱེེས་མ་རྩོོམ་པ་པོོའིི་རྩོོམ་རིིག་བགྲོོ་གླེེང་གིི་སྔ་ཕྱིིའིི་ལས་ཀ་ལ་འགན་འཁུར། རོོགས་རམ་དང་རྒྱབ་སྐྱོོར་གནང་བྱེེད་མཁན་ཡོོངས་ལ་ཐུགས་རྗེེ་ཆེེ་ཞུ། དེེ་ལས་བགྲོོ་གླེེང་འདིི་ཡིི་ས་བོོན་ནིི་དགེེ་རྒན་ཆེེན་མོོ་ལྗན་ནེེ་ཐིི་རྒྱ་མཚོོ (Janet Gyatso)། འབུམ་རམས་པ་མདའ་ཚན་བླ་མ་སྐྱབས། འབུམ་རམས་པ་ལཱང་ཇའེེ་ (Jue Liang) བཅས་ཡིིན་ལ། ཁོོང་ཅག་གིིས་༢༠༡༩ལོོའིི ་རྒྱལ་སྤྱིིའིི་བོོད་རིིག་པའིི་ཚོོགས་ཆེེན་ཐོོག་བོོད་ཀྱིི་སྐྱེེས་མ་རྩོོམ་པ་པོོ་དང་དེེ་དག་གིི་བརྩམས་ཆོོས་ལ་དོོ་སྣང་བྱེེད་དགོོས་པའིི་གྲོོས་གཞིི་བཏོོན་པས། ལཱང་ཇའེེ་དང་མོོ་ངེེ་བཀྲ་ཤིིས་བདེེ་སྐྱིིད་གཉིིས་ཀྱིིས་༢༠༡༩ ལོོའིི ་སྟོོན་ཀ་ནས་བགྲོོ་གླེེང་འདུ་འཛོོམས་འདིི་ཡིི་འཆར་གཞིི་དང་རོོགས་དངུལ་བཙལ་བ་སོོགས་ཀྱིི་ལས་ཀའིི་མགོོ་བརྩམས།
༢༠༢༠ལོོའིི་ནད་ཡམས་ཀྱིི་རྐྱེེན་གྱིིས་ཚོོགས་འདུ་དེེ་ལོོ་གཉིིས་ལ་ཕྱིིར་འགྱངས་བྱེེད་དགོོས་བྱུང་། ཡིིན་ནའང་། སྤྱིི་ལོོ་༢༠༢༢ལོོའིི ་ཟླ་བཞིི་པར། རྒྱལ་སྤྱིིའིི་འགྲོོ་འོོང་སོོགས་ཀྱིི་ཐད་ལ་དཀའ་ཁག་མང་པོོ་ཁྱད་དུ་བསལ་ནས་ཡུལ་དངོོས་སུ་འདུ་འཛོོམས་ཐུབ། འདུ་འཛོོམས་ལེེགས་འགྲུབ་བྱུང་བ་ལ་མིི་མང་པོོ་ཡིི་དངོོས་ཤུགས་བརྒྱུད་གསུམ་གྱིི་དཀའ་ཚགས་གང་མང་ལ་བརྟེེན་ཡོོད་པ་སྟེེ། ཡུལ་དངོོས་ཀྱིི་བཀོོད་སྒྲིིག་པ་གཙོོ་བོོ་ནིི་མོོ་ངེེ་བཀྲ་ཤིིས་བདེེ་སྐྱིིད་དང་ཨེེ་རིིན་བྷར་ཁཱིི་༼Erin Burke༽གཉིིས་ཀྱིིས་འགན་ཁུར་ཡོོད་ལ། དགེེ་རྒན་ལྗན་ནེེ་ཐིི་དང་བླ་མ་སྐྱབས། ལཱང་ཇའེེ། ཨན་སྒྲུའུ་ཐེེ་ལཱར་༼Andrew Taylor༽། དགེེ་རྒན་ཆོོས་ཉིིད་དབང་མོོ་༼Francoise Robin༽་སོོགས་ཀྱིིས་མཛུབ་སྟོོན་གནངས། ད་དུང་ཚོོགས་འདུ་འདིིའིི་ལེེགས་འགྲུབ་བྱུང་བ་ལ་མེེད་ཐབས་མེེད་ཀྱིི་རྒྱབ་སྐྱོོར་དང་རོོགས་རམ་གནང་མཁན་ནིི་ཝར་ལྗིི་ནཱིི་ཡའིི་སློོབ་ཆེེན་གྱིི་བོོད་ལྟེེ་གནས་ཀྱིི་དགེེ་རྒན་ཆེེན་མོོ་བྷེེ་བེེ་ཊིི་ལྗར་མཱ་ནོོ་༼David Germano༽དང་། ཨ་རིི་ཡཱ་ན་མག་ཁིི་༼Ariana Maki༽དང་རོོང་བོོ་ཀླུ་རྒྱལ་བཅས་ཡིིན། རིིག་འབྱུང་དོོན་འགྲུབ་བཀྲ་ཤིིས་ཀྱིིས་ཚོོགས་འདུའིི་ཡིིག་སྒྱུར་དང་ལོོ་ཙཱ་ཡིི་འགན་གཉིིས་འཁྱོོགས་ཀྱིིས་དཀའ་བ་ཁུར་ཡོོད། ཆེེད་སྒྲིིག་འདིི་ཡིི་རྩོོམ་སྒྲིིག་གིི་འགན་ཁུར་བ་གཙོོ་བོོ་ནིི་ཨན་སྒྲུའུ་ཐེེ་ལཱར་༼Andrew Taylor༽ཡིིན། ད་དུང་ལོོ་ཙཱ་བ་རྣམས་ཀྱིིས་བརྩོོན་འགྲུས་དང་རྣམ་དཔྱོོད་གཉིིས་ལྡན་གྱིིས་ཡིིག་བསྒྱུར་བརྒྱུད་ནས་རྩོོམ་པ་པོོ་དང་ཀློོག་པ་པོོའིི་བར་ལ་གཏམ་གྱིི་ཟམ་ཐག་འཐེེན། ཆེེད་སྒྲིིག་འདིི་ཡིི་མདུན་ཤོོག་གིི་རིི་མོོ་ནིི་བོོད་ཀྱིི་གཞོོན་སྐྱེེས་རིི་མོོ་པ་ཀུ་ལ་ཡག་གིིས་གངས་ཅན་སྐྱེེས་མ་རྩོོམ་པ་པོོ་རྣམས་ཀྱིི་འདུ་འཛོོམས་འདིི་ལ་རྒྱབ་སྐྱོོར་དང་དགའ་སྟོོན་གྱིི་ཚུལ་དུ་ཕུལ་བས། ང་ཚོོས་ཀུ་ལ་ཡག་ལ་བཀའ་དྲིིན་ཆེེ་ཞུ། ཀུ་ལ་ཡག་གིིས། རིི་མོོ་འདིི་ལ་ཁ་བྱང་དམིིགས་བསིིལ་ཞིིག་བཏགས་མེེད་ཀྱང་། ཁོོ་མོོས་བོོད་ཀྱིི་སྐྱེེས་མའིི་ལས་དང་རླུང་རྟ་བསམ་ནས་བྲིིས་པ་ཡིིན་ཟེེར། གཞན་མིི་མང་པོོས་ལྷག་བསམ་ཟོོལ་མེེད་ཀྱིིས་རྒྱབ་སྐྱོོར་གནངས་ཡོོད་པས། ཚང་མ་ལ་བཀའ་དྲིིན་ཆེེ་ཞུའོོ། ། རྒྱལ་སྤྱིིའིི་འགྲོོ་འོོང་དང་ནད་ཡམས། བདེེ་འཇགས་སོོགས་ཀྱིི་རྙོོག་འཛིིངས་ཤིིན་ཏུ་ཆེེ་བའིི་དུས་སྐབས་འདིི་འདྲ་ལ་དཀའ་ཁག་དང་ཉེེན་ཁ། རེེ་དོོགས་སོོགས་དང་དུ་བླངས་ནས་ཕེེབས་པའིི་བོོད་མོོ་རྩོོམ་པ་པོོ་ཡོོངས་ལ་ལྷག་ཏུ་བཀའ་དྲིིན་ཆེེ་ཞུའོོ། །
མཐར། བོོད་ཀྱིི་རྩོོམ་རིིག་སྤྱིི་དང་ལྷག་པར་དུ་སྐྱེེས་མའིི་རྩོོམ་རིིག་རྒྱལ་སྤྱིིའིི་རྩོོམ་རིིག་དང་སྒྱུ་རྩལ། རིིག་གཞུང་གིི་གླེེང་སྟེེགས་ལ་ཁྱབ་པ་དང་དོོ་སྣང་བྱུང་བ་ནིི་བོོད་ཀྱིི་རིིག་གནས་དང་སྤྱིི་ཚོོགས་ལ་འབྲེེལ་འདྲིིས་དང་ཤེེས་རྟོོགས་བྱེེད་པའིི་ལམ་ཁ་གལ་ཆེེན་ཞིིག་ལ་འགྱུར་བཞིིན་འདུག་སྙམ། ནུབ་ཕྱོོགས་སྤྱིི་ཚོོགས་ཀྱིི་མཐོོང་སྣེེ་རུ་བོོད་ནིི་ནམ་ཡངཆབ་སྲིིད་ཀྱིི་དཀའ་རྙོོག་གིིས་བསྐྱེེད་པའིི་དཀའ་སྡུག་ལ་ཚུད་པའམ། ཡང་ན་ཆོོས་ལུགས་ངོོ་མཚར་བ་ཞིིག་གིི་འབྱུང་ཡུལ་ཙམ་ལས། བོོད་ཀྱིི་རིིག་གནས། སྤྱིི་ཚོོགས། རིིག་གཞུང་། ཁོོར་ཡུག་སོོགས་ཕྱོོགས་མང་པོོའིི ་རྣམ་པ་དང་དངོོས་ཡོོད་དེེ་མཐོོང་ཐུབ་ཀྱིིན་མེེད།
དེེ་ལས་ལྡོོག་སྟེེ། བོོད་ཀྱིི་རྩོོམ་རིིག་གིིས་བོོད་ནིི་ལྟ་བ་དང་མཐོོང་སྣེེ་སྣ་མང་ཞིིང་རྙོོག་འཛིིངས་ཆེེ་བའིི་སྤྱིི་ཚོོགས་དང་། སྲོོལ་རྒྱུན་གྱིི་ཕུགས་རིིང་ལ་གསར་གཏོོད་ཀྱིི་རྣམ་རིིག་རྒོོད་པའིི་རིིག་གནས། ཡ་རབས་བཟང་སྤྱོོད་ལ་བརྩོོན་ཞིིང་དགའ་སྐྱོོ་ཆགས་སྡང་གིི་ཚོོར་འདུ་རྒོོད་པའིི་མིིའིི་རིིགས་ཤིིག་ཞིིག་ལ། གངས་ཅན་མཐོོ་སྒང་གིི་བླ་སྲོོག་ལྡན་པའིི་མིི་རིིགས་ཐུན་མོོང་མ་ཡིིན་པ་ཞིིག་ཡིིན་པ་བརྗོོད་ཐུབ་པའོོ། །
གངས་ཅན་སྐྱེེས་མའིི་རྩོོམ་རིིག་གིིས་ནིི་ལྷག་པར་དུ་བོོད་ཀྱིི་སྤྱིི་ཚོོགས་ཀྱིི་ཆེེས་རྒྱུན་ལྡན་དང་ཐུན་མོོང་བའིི་འཚོོ་བ་དང་བདེེ་སྡུག་བརྗོོད་པ་སྟེེ། རང་ཅག་གིི་ཁྱིིམ་གཞིིས་ཀྱིི་ཀ་བ་ལ་འགྱུར་བའིི་མེེས་མོོ་དང་། སྐྱེེད་མ་དང་སྐྱེེས་མ། བྱིིས་པ་སོོགས་ཀྱིི་འཚོོ་བ་དང་སྐྱིིད་སྡུག་གིི་མཐོོང་སྣེེ་ནས་མིི་རིིགས་ཤིིག་གིི་རིིག་གནས་ཀྱིི་ཡང་སྙིིང་ངམ་ཉིིང་ཁུ་ལ་བརྩིི་ཆོོག་པའིི་བློོ་རིིག་དང་ཉམས་མྱོོང་། བདེེ་སྡུག་དང་རེེ་འདུན་སོོགས་གླེེང་ཐུབ་པའོོ།། ད་དུང་རྩོོམ་འབྲིི་དང་རྩོོམ་རིིག་ནིི་བོོད་སྟོོད་སྨད་བར་གསུམ་དང་ཕྱིི་ནང་གཉིིས་ཀ་ལ་གནས་པའིི་སྐྱེེས་མ་རྩོོམ་མཁན་རྣམས་ཀྱིིས་བརྩོོན་ལེེན་དགོོས་པའིི་འཐབ་ར་ཞིིག་རེེད་འདུག་ལ། ཕོོ་དབང་རིིང་ལུགས་སོོགས་ཀྱིི་སྒྲིིག་གཞིི་བཙན་པོོའིི་འོོག་ལ་མཐུན་སྒྲིིལ་གྱིི་ལག་རྡང་དང་བློོ་ཐུབ་ཀྱིི་སྡོོང་གྲོོགས་སུའང་གྱུར་འདུག
ཆེེད་སྒྲིིག་འདིི་དང་སྤྱིི་ལོོ་༢༠༢༢ལོོའིི་བགྲོོ་གླེེང་གཉིིས་ཀ་ནིི་བོོད་ཀྱིི་སྐྱེེས་མ་རྩོོམ་པ་པོོ་རྣམས་ཀྱིི་བློོ་རིིག་དང་བགྲང་བྱ་མང་པོོའིི་བརྩོོན་འགྲུས་ཀྱིི་འབྲས་བུ་ལ་སྨིིན་པའིི་དེེབ་ཕྲེེང་དང་བགྲོོ་གླེེང་མང་པོོའིི ་རྐྱེེན་གྱིིས་འགྲུབ་པ་ཡིིན། བོོད་ཀྱིི་སྐྱེེས་མ་རྩོོམ་པ་པོོའིི ་འདུ་འཛོོམས་དང་པོོ་ནིི་ལོོ་རབས་གཅིིག་གིི་སྔོོན་ཏེེ་སྤྱིི་ལོོ་༢༠༡༢ལོོའིི ་ཨ་མདོོ་ཁྲིི་ཀ་ལ་འཚོོགས་ཤིིང་། དགེེ་རྒན་ཆེེན་མོོ་དཔལ་མོོ་ལགས་ཀྱིི་སྣེེ་ཁྲིིད་དང་གཙོོ་སྒྲིིག་གིི་འོོག་སྐྱེེས་མ་རྩོོམ་པ་པོོའིི་ཆེེད་སྒྲིིག་དེེབ་ཕྲེེང་དང་དཔེེ་ཚོོགས་སྔ་རྗེེས་སུ་ཐེེངས་ལྔ་དཔར་སྐྲུན་བྱས། སྤྱིི་ལོོ་༢༠༡༡ལོོའིི ་རྩོོམ་པ་པོོ་སྣ་མང་གིི་ཕྱོོགས་བསྒྲིིགས་ཀྱིི་དེེབ་བཞིི་ཅན་གྱིི་དཔེེ་ཚོོགས་ནས་དེེའིི་རྗེེས་ཀྱིི་རྩོོམ་པ་པོོ་རེེ་རེེའིི་དེེབ་གཅིིག་རེེའིི་བདག་ཉིིད་ཅན་གྱིི་དཔེེ་ཚོོགས་བཞིི་བཅས་ཁྱོོན་བསྡོོམས་དེེབ་༢༤་ལྷག་བོོད་ཡིིག་ཏུ་དཔར་ཟིིན། དེེབ་དེེ་དག་གིི་རྩོོམ་པ་པོོ་དང་ཁ་བྱང་མཇུག་མཆན་ལ་གཟིིགས་རོོགས། ད་དུང་མིི་སྒེེར་གྱིིས་དཔར་པའིི་དེེབ་དང་རིིག་གཞུང་ཞིིབ་འཇུག་སོོགས་བོོད་ཕྱིི་ནང་གཉིིས་ན་སྐད་ཡིིག་སྣ་མང་གིི་ལམ་ནས་བྲིིས་ཡོོད་པ་ནིི་སྨྲས་ཅིི་དགོོས། ང་ཚོོས་ཁོོང་ཅག་གིི་རྩོོམ་རིིག་གིི་མཛད་རྗེེས་གཟེེངས་སུ་བསྟོོད་པ་དང་ལྷན་དུ་བཀའ་དྲིིན་བསམ་བཞིིན་ཡོོད།
སྤྱིིར་གངས་ཅན་སྐྱེེས་མ་རྩོོམ་པ་པོོ་ཡོོངས་དང་དམིིགས་སུ་ཆེེད་སྒྲིིག་འདིིའིི་རྩོོམ་པ་པོོ་རྣམས་ཀྱིིས་ང་ཚོོ་ལ་གནང་བའིི་རྩོོམ་རིིག་གིི་ལེེགས་སྐྱེེས་ཀྱིི་དྲིིན་ལན་དུ་ཁོོང་ཅག་གིི་རྩོོམ་རིིག་དར་སྤེེལ་ལ་རྒྱབ་སྐྱོོར་དང་གོོ་སྐབས་བསྐྲུན་རྒྱུ་ནིི་ང་ཚོོ་ཀློོག་པ་པོོ་རྣམས་ལ་ཡིིད་འཇགས་ཡོོད་པ་འཚལ།
མཇུག་ཏུ་བོོད་ཀྱིི་རྩོོམ་རིིག་དང་སྐད་ཡིིག ལྷག་པར་དུ། བོོད་ཀྱིི་ཤེེས་རིིག་དང་སྒྱུ་རྩལ་གྱིི་འབྱུང་ཁུངས་གངས་ཅན་མཐོོ་སྒང་གིི་རླུང་རྟ་དར་ཞིིང་རྒྱས་པའིི་རེེ་སྨོོན་དང་བཅས་བྲིིས་པ་དགེེའོོ། །
© 2021 Yeshe | A Journal of Tibetan Literature, Arts and Humanities