ISSN 2768-4261 (Online)
Darig Thokmay སྦྲ་རིགས་ཐོགས་མེད།
ཤིང་འབྲུག་འདི་ནས་བརྩིས་པའི་ལོ་མང་སྔོན།།
ཉི་མ་ཤར་གྱི་ཕྱོགས་ནས་རླུང་དམར་འཚུབ།།
མཐོ་སྒང་གཡང་གི་ར་བར་ཐོག་སེར་ཕབས།།
གཞིས་བྱེས་གཉིས་སུ་གྱེས་པའི་གཏམ་རྒྱུད་བྱུང་།།
དཀའ་ངལ་ཆེ་ཡང་སྤྱི་སེམས་བློས་མ་བཏང་།།
ཡི་གེར་རྨོངས་ཡང་ལེགས་ཉེས་བླངས་དོར་ཤེས།།
ས་མཐར་སླེབས་ཀྱང་རང་ཚུགས་ཤོར་མ་བཅུག།
མི་རབས་རྒན་པའི་རུས་པ་རྡོ་ལས་མཁྲེགས།།
གྲྭ་ཚང་བཙུགས་ནས་ཆོས་རིག་བསྐྱར་དུ་སྤེལ།།
སློབ་གྲྭ་ཁག་གིས་དེང་རབས་བརྩོན་ལེན་བྱས།།
བཙན་བྱོལ་གཞུང་གིས་འཐབ་རྩོད་སྲོག་ཏུ་བཟུང་།།
འདས་པའི་ལོ་ཟླ་དེ་དག་རེ་བས་ཁེངས།།
ལྟོ་གོས་འཛོམས་རྗེས་ཕུགས་བསམ་བརྗེད་འགོ་ཚུགས།།
རང་དོན་འཁྱོངས་རྗེས་སྤྱི་སེམས་བརླགས་དེ་ཐལ།།
གཞན་སྐད་ཤེས་རྗེས་རང་སྐད་རྩིས་མེད་བྱས།།
ཡུལ་གྱར་མི་རྣམས་རྒུད་པའི་ལམ་དུ་ཕྱོགས།།
དགྲ་བོ་བརྗེད་ནས་ཕུ་ནུ་དགྲ་རུ་མཐོང་།།
སྤྱི་དོན་བོར་ནས་ལུང་ཚན་གཙོ་བོར་བཟུང་།།
འཐབ་རྩོད་དོར་ནས་ཆབ་སྲིད་འཁྲབ་འགོ་ཚུགས།།
རྐང་རྗེས་ལག་སུབ་མཁན་རྣམས་རླུང་རྟ་དར།།
ཤིང་འབྲུག་ལོ་འདི་གཡང་ལོ་ཡིན་པར་ཤོག །
ནང་འཁྲུག་ནད་ཡམས་འདི་ཡིས་སེལ་བར་ཤོག།
དགྲ་གཉེན་དབྱེ་བ་འདི་ཡིས་གསལ་བར་ཤོག།
ཆོས་གསུམ་མཐུན་སྒྲིལ་འདི་ཡིས་བསྲུང་བར་ཤོག།
(ཕྱི་ལོ་༢༠༠༣ ཟླ ༡༢ ཚེས ༢༨ ཉིན་ཨོཁིསི་ཧྥོཊི་སློབ་གླིང་དུ་བྲིས།)
This poem won the third position in the Shang Shung Institute’s (London Institution of Tibetan Studies) 2023-2024 International Poetry Competition on the theme of ‘the year of the wood dragon.’
Darig Thokmay སྦྲ་རིགས་ཐོགས་མེད། was born in Tibet, where he received his early education in Tibetan monasteries and a Chinese school. He later pursued higher studies in various countries, including India and Poland. Most recently, he completed his PhD at the University of Oxford and is now a visiting scholar at the University of Cambridge.
© 2021 Yeshe | A Journal of Tibetan Literature, Arts and Humanities