ISSN 2768-4261 (Online)
Tenzin Tendhar
TENZIN TENDHAR, ཕེབས་སྐྱེལ་ཞུ་བའི་བྲིས་སྐུ། Farewell Portrait (2023)
Digital art, 45×50 cm
Courtesy of the artist
ཞིང་གཤེགས་དམ་པ་རྒན་པདྨ་ཚེ་བརྟན་ལགས་ཀྱི་བྲིས་སྐུའི་ནང་དུ་ཚོན་ཁྲ་དཀར་ནག་འདྲེས་མར་སྤེལ་བ་འདིས་དམ་པ་གང་གི་བརྩམས་ཆོས་ཀྱི་ཟབ་ཚད་ནི་ཁོང་གིས་གློག་བརྙན་རིག་པར་བཅངས་པའི་མིག་རྒྱང་གི་སྲོག་རྩ་འདི་ཡིན་པ་མཚོན་གྱི་ཡོད། ནག་ཤས་ཆེ་བའི་རྒྱབ་ལྗོངས་ཀྱི་ངོགས་སུ་དམར་མདངས་བཀྲ་བའི་སྒོར་དབྱིབས་འདིས་དམ་པ་གང་གི་གསར་གཏོད་ཀྱི་རྣམ་དཔྱོད་དང་ཁོང་གིས་གློག་བརྙན་བརྒྱུད་ནས་བསྟན་པའི་བོད་ཀྱི་རིག་གཞུང་གི་སོར་ཆུད་ཀྱི་ནུས་པ་མཚོན་གྱི་ཡོད། བྲིས་སྐུ་འདིའི་གཤམ་དུ་དམ་པ་གང་གིས་འཁྲབ་འཁྲིད་གནང་བའི་གློག་བརྙན་འགའ་ཤིག་གི་མི་སྣ་དང་འཁོར་ཡུག་རི་མོར་བཀོད་པ་འདིས་དམ་པ་གང་ཉིད་འཇིག་རྟེན་འདི་ནས་ཞལ་གྱེས་ཞུས་རྗེས་སུ་སྔར་བྱུང་མ་མྱོང་བ་དང་ཕུན་སུམ་ཚོགས་པའི་གློག་བརྙན་རིག་པའི་ཤུལ་བཞག་གལ་ཆེན་ཞིག་ཕྱི་རབས་པ་རྣམས་ལ་སྐྱེས་སུ་ཕུལ་བ་མཚོན་གྱི་ཡོད།
Black and white colors intertwine in Pema Tseden’s Farewell Portrait to echo the depth of his storytelling that fueled his cinematic vision. Against the somber backdrop of black, vibrant red hues symbolize the fire of his creativity besides the resilience of Tibetan culture he illuminated through his films. As he walks away from the world, he leaves behind in his shadow an unprecedented and rich cinematic legacy for Tibetans, depicted in this Farewell Portrait through various scenes from his films.
Tenzin Tendhar (བསྟན་འཛིན་བསྟན་དར།) is a freelance Tibetan digital artist and illustrator from Dharamshala, India. With more than eight years of experience in creating illustrations, arts, and graphic designs, he remains curious and fascinated by the art of creating cartoons and animation. He pursued his degrees in fine art with major in digital art and 2D classical animation.
བསྟན་འཛིན་བསྟན་དར་ལགས་ནི་རྡ་རམ་ས་ལར་བཞུགས་མཁན་གྱི་འཕྲུལ་རིག་(digital)སྒྱུ་རྩལ་པ་དང་རི་མོ་བ་ཞིག་ཡིན། ཁོང་ལ་རི་མོ་དང་སྒྱུ་རྩལ། མཛེས་རིས་བྱུས་བཀོད་སོགས་ཀྱི་ཐོག་ལ་ལོ་བརྒྱད་ཙམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་ཁོང་ནི་cartoonདང་འགུལ་རིས་ཀྱི་ཐོག་ལ་ཐུགས་དབྱིང་དང་ཐུགས་སྣང་ཆེན་པོ་ཡོད། ཁོང་ནི་འཕྲུལ་རིག་དང་2Dའགུལ་རིས་གཙོས་བྱས་པའི་སྒྱུ་རྩལ་རིག་པའི་སློབ་ཆེན་ནས་སློབ་ཐོན་གནང་པ་རེད།
© 2021 Yeshe | A Journal of Tibetan Literature, Arts and Humanities