ISSN 2768-4261 (Online)

A Journal of Tibetan Literature, Arts and Humanities

དཔྱད་རྩོམ་འཚོལ་བསྡུ།


ང་ཚོས་རྒྱུ་ཆ་རྣམས་དབྱིན་ཡིག་ནང་བྲིས་པ་དང་དབྱིན་ཡིག་ཐོག་ཡིག་སྒྱུར་བྱས་ཡོད་པ་ཁག་གཙོ་བོར་བྱས་ནས་དཔར་སྐྲུན་བྱ་རྒྱུ་ཡིན་ལ། དེ་མིན་ང་ཚོས་བོད་པའི་རྩོམ་པ་པོ་རྣམས་ཀྱིས་བོད་ཡིག་དང་རྒྱ་ཡིག་གི་ཐོག་ཏུ་བྲིས་པའི་སྙན་ངག་དང་ལྷུག་རྩོམ། སྒྱུ་རྩལ། བརྩམས་སྒྲུང་བསྐུར་གནང་བ་ལ་ཡང་དགའ་བསུ་ཞུ། གལ་སྲིད་སྐུ་ཉིད་ནས་བསྐུར་གནང་རྒྱུའི་བརྩམས་ཆོས་དེ་དག་དུས་དེབ་འདིའི་ཁྱབ་ཁོངས་ཀྱི་བྱེ་བྲག་ཚན་པ་གང་ཞིག་ལ་མི་འཚམ་པའམ་རན་པོ་མེད་པའི་གནས་སྟངས་འཕྲད་ཚེ། ང་ཚོའི་གློག་འཕྲིན་དེའི་ཐོག་ཏུ་ info@yeshe.org or editor@yeshe.org བསྐུར་རོགས་གནང་།

སྐུ་ཉིད་ཀྱིས་བརྩམས་ཆོས་མ་བསྐུར་སྔོན་ལ་ཡེ་ཤེས་དུས་དེབ་ནས་དཔྱད་རྩོམ་འཚོལ་བསྡུའི་ལམ་སྟོན་གྱི་སྐོར་རྣམས་ཡག་པོ་ཀློག་རོགས་གནང་།

ཞིབ་འཇུག་གི་དཔྱད་རྩོམ།

སྐུ་ཉིད་ནས་ང་ཚོར་བོད་ཀྱི་རྩོམ་རིག་དང་། སྒྱུ་རྩལ། སྤྱི་ཚོགས་ཚན་རིག་གི་བརྗོད་གཞི་དང་འབྲེལ་བའི་ཞིབ་འཇུག་པའི་དཔྱད་རྩོམ་ཁག་བསྐུར་གནང་རོགས། ཟུར་མཆན་བཀོད་སྟངས MLA 8 ལམ་སྟོན་ལྟར་བརྩི་དགོས། ཞིབ་ཕྲའི་ལམ་སྟོན་སྐོར་གཤམ་ལ་གཟིགས་རོགས། ང་ཚོར་འབྱོར་བའི་དཔྱད་རྩོམ་དེ་རྣམས་ལ་ཆེད་མངགས་ཞུ་དག་པ་ཞིག་བསྐོ་གཞག་བྱས་ཡོད་པ་དེས་ཕྱོགས་རིས་མེད་པའི་ངང་ནས་དཔྱད་ཞིབ་ཡོང་ཆེད། རྩོམ་པ་པོའི་ངོས་ནས་བརྩམས་བྱའི་སྟེང་དུ་དོ་བདག་གི་རང་མིང་མ་བཀོད་པར་བཞག་དགོས།

དཔེ་དེབ་ཀྱི་དཔྱད་གཏམ།

སྐུ་ཉིད་ནས་ང་ཚོར་བོད་དང་འབྲེལ་བའི་ཞིག་བསྐུར་གནང་རོགས། ཟུར་མཆན་བཀོད་སྟངས་ MLA 8 ལམ་སྟོན་ལྟར་བརྩི་དགོས། དཔྱད་གཏམ་དེ་དག་འདས་པའི་ལོ་ངོ་གཉིས་ཙམ་གྱི་ནང་དུ་དཔེ་སྐྲུན་བྱས་པའི་དཔེ་དེབ་ཞིག་ཡིན་པ་ང་ཚོས་རེ་བ་ཞུ་བཞིན་ཡོད། འོན་ཀྱང་། སྐབས་རེ་ང་ཚོས་གནད་ལ་ཁེལ་ཞིང་མི་རྣམས་ནས་དེ་ཙམ་དོ་སྣང་བྱུང་མེད་པའི་དཔེ་དེབ་ཀྱི་དཔྱད་གཏམ་ཁག་འཚོལ་བསྡུ་བྱེད་བཞིན་ཡོད། གལ་སྲིད་སྐུ་ཉིད་ནི་དཔེ་སྐྲུན་ཚན་པའམ་རྩོམ་པ་པོ་ཞིག་ཡིན་པའི་ངོས་ནས་ཁྱེད་ཀྱི་བརྩམས་བྱ་དེར་དཔེ་དེབ་ཀྱི་དཔྱད་གཏམ་ཞིག་ཐོབ་འདོད་ཡོད་ཚེ། ང་ཚོར་དཔེ་དེབ་དེའི་སྐོར་གྱི་གནས་ཚུལ་ཞིག་གློག་འཕྲིན་བརྒྱུད་ནས་བསྐུར་རོགས་གནང་།

སྙན་ངག

སྐུ་ཉིད་ནས་ང་ཚོར་སྲོལ་རྒྱུན་ནམ་རང་མོས་ཀྱི་རྣམ་པས་དབྱིན་ཡིག་དང་། བོད་ཡིག ཡང་ན། རྒྱ་ཡིག་བཅས་ཡིག་རིགས་གསུམ་གྱི་ཐོག་ཏུ་བྲིས་པའི་སྙན་ངག་མི་འདྲ་བ་གྲངས་ལྔ་ཡན་བསྐུར་དགོས། དེ་བཞིན་བོད་ཀྱི་གནའ་རབས་དང་དེང་དུས་ཀྱི་སྙན་ངག་རྣམས་དབྱིན་ཡིག་ཐོག་ཡིག་སྒྱུར་བྱས་ཡོད་པ་ཡང་བསྐུར་ཆོག ཡིན་ན་ཡང་། སྙན་ངག་དེ་དག་དབྱིན་ཡིག་ཐོག་དེ་སྔ་དཔར་སྐྲུན་བྱེད་མྱོང་མེད་པའམ། གལ་སྲིད་དེ་སྔ་དཔར་སྐྲུན་བྱས་ཡོད་ཀྱང་དྲ་རྒྱའི་ཐོག་ནས་འཚོལ་མི་ཐུབ་པ་ཞིག་ཡིན་དགོས།

ལྷུག་རྩོམ།

སྐུ་ཉིད་ནས་ང་ཚོར་དབྱིན་ཡིག་དང་བོད་ཡིག ཡང་ན། རྒྱ་ཡིག་བཅས་ཀྱི་ནང་དུ་བྲིས་པའི་ལྷུག་རྩོམ་གྱི་མ་རྩོམ་དེའམ། ཡིག་སྒྱུར་བྱས་པའི་རིགས་གང་ཞིག་བསྐུར་ན་ཡང་དགའ་བསུ་ཡོད། ལྷུག་རྩོམ་གྱི་འབྲི་ལུགས་འདྲ་མིན་ཡིན་ཆོག་པ་སྟེ། གསར་གཏོད་རང་བཞིན་གྱི་དཔྱད་རྩོམ་དང་། ཞིབ་འཇུག་མ་ཡིན་པའི་དཔྱད་རྩོམ། ཆབ་སྲིད་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་སྐོར་ལ་དཔྱད་གླེང་སྤེལ་བའམ། སྒེར་གྱི་བསམ་ཚུལ་སྤེལ་བ་སོགས་ཡིན་ཆོག ལྷུག་རྩོམ་གྱི་རིང་ཐུང་ལ་ཚད་བཀག་མེད་མོད་ཡིག་འབྲུ་ ༥༠༠༠ དང་དེ་ལས་ཉུང་བ་ཡིན་ན་ལེགས།

བརྩམས་སྒྲུང་།

སྐུ་ཉིད་ནས་ང་ཚོར་དབྱིན་ཡིག་དང་བོད་ཡིག ཡང་ན། རྒྱ་ཡིག་བཅས་ཀྱི་ནང་དུ་བྲིས་པའི་སྒྲུང་གཏམ་ཐུང་ཐུང་ཞིག་བསྐུར་གནང་རོགས། བརྩམས་སྒྲུང་གི་རིང་ཐུང་ལ་ཚད་བཀག་མེད་མོད། ཁྱེད་རང་གི་སྒྲུང་གཏམ་དེ་དག་དབྱིན་ཡིག་གི་ཐོག་ཏུ་དཔར་སྐྲུན་བྱེད་མྱོང་མེད་པ་ཞིག་ཡིན་དགོས། ཡིན་ན་ཡང་། དེ་སྔ་བོད་ཡིག་གམ་རྒྱ་ཡིག་གི་ཐོག་ཏུ་དཔར་སྐྲུན་བྱེད་མྱོང་ཡོད་ཀྱང་ཆོག

བཅར་འདྲི།

ང་ཚོས་བཅར་འདྲིའི་ཁོངས་སུ་བོད་ཀྱི་རྩོམ་པ་པོ། བོད་རིག་པའི་ཐོག་གི་རིགས་གཅིག་རྐང་འཛིན་པ་དང་ལོ་ཙྭ་བ་ལ་བཅར་འདྲི་བྱས་ཟིན་པ་དག་བསྡུ་ལེན་བྱེད་རྒྱུ་ཡིན།

སྒྱུ་རྩལ།

སྐུ་ཉིད་ནས་ང་ཚོའི་སྒྱུ་རྩལ་གྱི་ཚན་པ་དེའི་ནང་དུ་བརྩམས་བྱ་བསྐུར་གནང་རྒྱུར་དགའ་བསུ་ཡོད། ནང་དོན་ལ་འགྲེམས་སྟོན་སྐོར་གྱི་དཔྱད་ཞིབ། པར་རིས་ཀྱི་དཔྱད་རྩོམ། སྒྱུ་རྩལ་བ་ངོ་སྤྲོད། བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་སྐོར་ལ་དཔྱད་གཏམ་སྤེལ་བ། ལྷག་དོན་བོད་པ་ཚོའི་ངོས་ནས་སྒྱུ་རྩལ་དང་། དངོས་པོའི་ཤུལ་བཞག བཤམས་སྟོན་ཁང་ནས་རྣམ་པ་མཚོན་སྟངས་ཀྱི་ཐད་ལ་ཚོར་སྣང་གང་ཞིག་བྱུང་བའི་སྐོར་གྱི་བརྩམས་བྱ་ཁག་ལ་ང་ཚོས་དགའ་བསུ་ཡོད། ཁྱེད་ཀྱི་པར་རིས་དེ་དག་སྤུས་ཚད་མཐོ་བའི JPEG (.jpg) དང་ TIF (.tif) གང་རུང་ཞིག་ཡིན་དགོས་ལ། པར་རིས་ཀྱི་ངོས་སུ་ཆུ་ཐིགས་ཤོར་བའམ། ལོ་དུས་ཟླ་ཚེས་མ་ཐོན་པ་ཞིག་དགོས། ཡིག་ཆ་དེ་དག་གི་ཆེ་ཆུང་ནི་10MB ལས་མི་བརྒལ་བ་ཞིག་ཡིན་དགོས།

སྤྱིའི་ལམ་སྟོན།

སྐུ་ཉིད་ཀྱིས་བརྩམས་ཆོས་དེ་དག་ཚན་པ་བྱེ་བྲག་པའི་རྩོམ་སྒྲིག་པ་དེའི་གློག་འཕྲིན་ཐོག་བསྐུར་རོགས་གནང་།

བསྐུར་བྱའི་ཡིག་ཆ་དག་ངེས་པར་དུ Word doc དང PDF གཉིས་ལས་གང་རུང་ཡིན་དགོས། སྒྱུ་རྩལ་ཀྱི་ཡིག་ཆ་བསྐུར་སྟངས་དེའི་བྱེ་བྲག་ཚན་པའི་ལམ་སྟོན་ལ་གཟིགས་རོགས། སྙན་ངག་ཕུད་པའི་བསྐུར་བྱའི་རྩོམ་ཡིག་རྣམས་ངེས་པར་དུ་ཤོག་ངོས་ཆེ་ཆུང་ 8.5x11 དང་ཤོག་ལྷེའི་གོང་འོག་མཐའ་གཉིས་ལ་བར་སྟོང་ཨིན་ཆི་ 1" ཡོད་པ། ཤོག་ལྷེའི་གཡས་གཡོན་གྱི་བར་སྟོང་ལ་ཨིན་ཆི་1.25" ཡོད་དགོས། ཡིག་འབྲུ་རྣམས་ཀྱི་ཡིག་ཕྲེང་སྟེང་འོག་གི་བར་སྟོང་དེ་རྐྱང་བརྩེགས་ཡིན་དགོས་ཤིང་། ཡིག་གཟུགས་དེ་དག་ Times New Roman དང་དེའི་ཆེ་ཆུང་ནི་ 12 pt ཡིན་དགོས། བརྩམས་བྱའི་དུམ་མཚམས་སོ་སོའི་ཡིག་ཕྲེང་སྟེང་འོག་གི་བར་སྟོང་དེ་གཉིས་བརྩེགས་ཡིན་དགོས།

གལ་སྲིད་སྐུ་ཉིད་ཀྱི་བརྩམས་བྱ་དེའི་ནང་དུ་པར་རིས་དང་རི་མོའི་སྒྱུ་རྩལ་དག་མཉམ་དུ་བཀོད་དགོས་བྱུང་ཚེ།རྒྱུ་ཆ་དེ་གཉིས་ཁག་ཁག་ཐོག་བསྐུར་རོགས། རྩོམ་པ་པོ་རྣམས་ལ་སྒྱུ་རྩལ་གྱི་རྒྱུ་ཆ་དེ་ཚོའི་པར་སྐྲུན་བདག་དབང་གི་ཆོག་མཆན་དེ་ངེས་པར་དུ་ཐོབ་དགོས།

བརྩམས་བྱ་རྣམས་ལོ་འཁོར་གྱི་འཆར་གཞི་བཞིན་འཚོལ་བསྡུ་བྱ་རྒྱུ་ཡིན། སྤྱི་ཟླ་དང་པོའི་ཚེས་བཅོ་ལྔའི་གོང་དུ་ང་ཚོར་འབྱོར་བའི་བརྩམས་བྱ་རྣམས་ལོ་དུས་འདི་རང་གི་དུས་དེབ་ཐོག་དཔར་སྐྲུན་བྱེད་རྒྱུ་ཡིན་པ་དང་།

གོང་འཁོད་ཟླ་ཚེས་དེ་དག་གི་རྗེས་ལ་འབྱོར་བའི་བརྩམས་བྱ་རྣམས་རང་བཞིན་གྱིས་ལོ་རྗེས་མའི་དུས་དེབ་ཀྱི་ཐོག་ཏུ་འདོན་རྒྱུ་རེད།

སྐུ་ཉིད་ཀྱིས་བརྩམས་བྱ་དེ་བསྐུར་བའི་ཉིན་མོ་ནས་བརྩིས་པའི་ཟླ་བ་བཞིའི་ནང་ཚུན་ལ་ང་ཚོའི་ངོས་ནས་དུས་དེབ་ཐོག་དཔར་སྐྲུན་བྱེད་ཀྱི་ཡོད་མེད་ཀྱི་བརྡ་ལན་ཞིག་འབྱོར་ངེས། གལ་སྲིད་དུས་ཡུན་དེའི་ནང་དུ་ཁྱེད་རང་ལ་བརྡ་ལན་གང་ཡང་མ་འབྱོར་ཚེ། ང་ཚོར་འབྲེལ་བ་བྱས་ཏེ་དེའི་སྐོར་ལ་རྩད་གཅོད་གནང་རོགས།

སྐུ་ཉིད་ནས་ཁྱེད་ཀྱི་བརྩམས་བྱ་དེ་དག་ངེད་ཡེ་ཤེས་དུས་དེབ་ལ་བསྐུར་བ་དང་ཆབས་ཅིག་དུས་དེབ་གཞན་དག་ལའང་བསྐུར་བར་ང་ཚོའི་ངོས་ནས་དགག་ཆ་མེད།

གལ་སྲིད་ཁྱེད་ཀྱི་བརྩམས་བྱ་དེ་དུས་དེབ་གཞན་ཞིག་ནས་སྔོན་དུ་ངོས་ལེན་བྱུང་ཡོད་ཚེ། ང་ཚོར་བརྡ་ལན་ཞིག་སྤྲོད་རོགས་གནང་།